Bhutanese Song Thungkar Choeyang Dzongkha Lyrics Video

  Рет қаралды 16,818

Chencho Dorji

Chencho Dorji

Күн бұрын

Song: Thungkar (Dedicated to His Holiness the 17th Gyalwa Karmapa Thaye Dorje)
Singer: Phub Zam
Tune: Tashi Wangdi
Music: Tashi Wangdi Studio
Lyrics Transcribed: Chencho Dorji
༧རྒྱལ་དབང་མཐའ་ཡས་རྡོ་རྗེའི་འཁྲུངས་སྐར་བསུ།།
རྒྱལ་བ་མཁྱེན་པ་ཅན་དེས་གཟིགས་པའི་ཚེ།།
ས་བཅུ་སྤོ་ལ་གནས་པའི་སེམས་དཔའ་ཞིག།།
ཀརྨ་པ་ཞེས་འབྱུང་བ་བསྔགས་པའི་ཡུལ།།
ཀུན་འདུས་ཕྲིན་ལས་ཅན་དེའི་འཁྲུངས་སྐར་བསུ།།
གངས་ལྗོངས་བསོད་ནམས་དཔལ་གྱི་ཞིང་མཆོག་ཏུ།།
དུས་གསུམ་མཁྱེན་པའི་སྐྱེ་སྤྲུལ་བྱོན་པ་ནས།།
སྐྱེ་རབས་དྲི་མ་མེད་པའི་བརྒྱུད་པ་ཅན།།
འཁྲུལ་མེད་སྤྲུལ་པའི་སྐུ་དེའི་འཁྲུངས་སྐར་བསུ།།
ཀུན་གཟིགས་བླ་མ་མི་ཕམ་ཆོས་རྗེ་དེས།།
ལྷ་དང་བླ་མ་ཡི་དམ་གྲོགས་བཅོལ་ཏེ།།
མ་ནོར་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི།།
ངེས་པ་དོན་བརྒྱུད་ཅན་དེའི་འཁྲུངས་སྐར་བསུ།།
མནོག་ཆུང་ཚེ་འདིའི་ཆོས་ཀྱིས་ཁྲིད་མ་ནུས།།
བསླུ་བྱེད་འཁོར་བའི་ཆོས་ལ་བློ་མ་ཕྱོགས།།
མི་བརྟན་དངོས་པོའི་ཆོས་ལ་ཡིད་མ་ཤོར།།
དོན་གྱི་ངེས་འབྱུང་ཅན་དེའི་འཁྲུངས་སྐར་བསུ།།
མི་ཁ་བདུད་ཀྱི་ཚེར་མས་གནོད་མ་ནུས།།
ཆོས་བརྒྱད་བདུད་ཀྱི་གཡོ་འོག་མགོ་མ་འཁོར།།
བདག་བས་གཞན་གཅེས་འཛིན་ལ་བློ་མ་ཞུམ།།
ཉམས་ལེན་ངོ་མ་ཅན་དེའི་འཁྲུངས་སྐར་བསུ།།
གོང་མ་བཀུར་ལ་མཁས་པའི་སྤྱོད་བཟང་ཅན།།
འོག་མ་སྐྱོང་ལ་དགྱེས་པའི་ཐུགས་རྒྱུད་ཅན།།
མཐོ་དམན་ཀུན་དང་མཐུན་པའི་མཛད་པ་ཅན།།
ཀུན་སྙོམས་ཐུགས་རྗེ་ཅན་དེའི་འཁྲུངས་སྐར་བསུ།།
དོན་དམ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དེ།།
འཁོར་འདས་མཉམ་པར་བརྡལ་བའི་ཏིང་འཛིན་དང་།།
ཤེས་རབ་ཌཱ་ཀི་ལྷ་མོའི་ཐབས་ཀྱིས་རྟོགས།།
སྒྱུ་མི་རྣལ་འབྱོར་པ་དེའི་འཁྲུངས་སྐར་བསུ།།
མཇལ་ན་དྭངས་བ་འདྲེན་པའི་ཞལ་རས་ཅན།།
ཉན་ན་སེམས་ལ་ཕན་པའི་གདམས་ངག་ཅན།།
བསམས་ན་དགེ་བའི་ཏིང་འཛིན་འབྱུང་བ་ཅན།།
མཐོང་ཐོས་དྲན་གྲོལ་ཅན་དེའི་འཁྲུངས་སྐར་བསུ།།
རིས་མེད་དམ་པའི་ལུང་གིས་བསྔགས་པའི་སྲས།།
ཕྱོགས་མེད་འགྲོ་དོན་སྐྱོང་བའི་མཛད་པ་ཅན།།
ཚད་མེད་སྙིང་རྗེའི་བདག་ཉིད་ཀརྨ་པ།།
༧རྒྱལ་དབང་མཐའ་ཡས་རྡོ་རྗེའི་འཁྲུངས་སྐར་བསུ།།
མདོར་ན་ཁྱེད་ཉིད་གླིང་འདིར་བྱོན་གྱུར་ནས།།
བགྲང་བྱ་སོ་ལྔར་ཟིན་པའི་འཁྲུངས་སྐར་དེ།།
འུ་ཅག་ཁྱེད་ལ་དད་པའི་སློབ་འབང་ཚོས།།
དགའ་དང་སྤྲོ་བ་ཆེན་པོས་འཁྲུངས་སྐར་བསུ།།
ཞེས་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་དགུང་གྲངས་སོ་ལྔར་ཕེབས་པའི་འཁྲུངས་སྐར་བསུ་བའི་བསྟོད་ཚིག་ལོ་རྒྱུས་དོན་ལྡན་མ་འདི། ༧རྒྱལ་དབང་མཐིང་དམར་འཆང་བ་ཡབ་སྲས་ཀྱི་སྐྱབས་འོག་ཏུ་སྐྱེ་བའི་ཚེ་རབས་ཀུན་ཏུ་གནས་པའི་གུས་ཀླུ་རྒྱལ་སྟག་རྩེས་སྨོན་པའོ།། །།
© 2018 CHENCHO DORJI LYRICS VIDEO ALL RIGHTS RESERVED
Any reproduction or illegal distribution of the content in any form will result in immediate action against the person concerned.
Uploading this video on other KZbin channels or Facebook pages without prior permission is strictly prohibited.
(Link sharing or Embedding to websites is allowed)

Пікірлер: 13
@ugyendema2775
@ugyendema2775 2 жыл бұрын
🙏🙏🙏 Karmapa Khyenno 🙇‍♀️🙇‍♀️🙇‍♀️
@Yannnnng
@Yannnnng 3 жыл бұрын
Karmapa khenno💮💮💮🌈🌈🌈
@ChenchoDorji
@ChenchoDorji 3 жыл бұрын
Thank you so much 🙏🙏🙏
@laxmidevigurung639
@laxmidevigurung639 3 жыл бұрын
🌼🌼🌼🌼🌼🌼🌼🌼🌼
@ChenchoDorji
@ChenchoDorji 3 жыл бұрын
Thank you 🙏🙏🙏
@laxmidevigurung455
@laxmidevigurung455 6 ай бұрын
Karmapa khanao🙏🙏🙏🌼🌹🌼🌺🌼🌸🌼
@laxmidevigurung639
@laxmidevigurung639 6 ай бұрын
🙇‍♀️🙇‍♀️🙇‍♀️🌼🌹🌻
@鳳儀張-d8u
@鳳儀張-d8u 2 жыл бұрын
泰耶 教育? 急? 台灣學子在大專院校 通識我見52年次如此而巳 賈且精
@YangchenDomaBhutia-k4q
@YangchenDomaBhutia-k4q 2 ай бұрын
Karmapa khano.
@pemayangchen4586
@pemayangchen4586 2 жыл бұрын
🙏🌸🙏🌸🙏🌸💕
@pasangkipalama5774
@pasangkipalama5774 4 жыл бұрын
Tashidelek,Can you please sub title in English too? Thank you🙏🙏🙏
А ВЫ ЛЮБИТЕ ШКОЛУ?? #shorts
00:20
Паша Осадчий
Рет қаралды 9 МЛН
Will A Guitar Boat Hold My Weight?
00:20
MrBeast
Рет қаралды 258 МЛН
22 December 2023
3:07
Dupchen official
Рет қаралды 8 М.
Karma-A love to be continued. (feat. Karma Choechong)
3:26
Tshering Yangdon - Topic
Рет қаралды 6 М.
Kinzang Dorji - Yewong Tendrog | 2002 Clock Tower
4:29
Norling Drayang Productions
Рет қаралды 13 М.
Zhabten for 5th King Jigme Khesar Namgyel Wangchuck  | Phub Zam
6:10
Bhutanese Song Chumphu Ney Lyrical Video|Phub Zam| Karma Phuntsho
6:59
А ВЫ ЛЮБИТЕ ШКОЛУ?? #shorts
00:20
Паша Осадчий
Рет қаралды 9 МЛН