Рет қаралды 2,018
༡༽གངས་ལྗོངས་ཤར་ཀྱི་རི་ལ་རྩྭ་ལ་སྨན་རྩྭ་སྐྱེས་སོང་།
བཀྲ་ལ་ཤིས་བ་ཤོག། ༢༽
མཛེས་མའི་གཡང་དཀར་མ་མོ་སྨན་རྩྭ་བཞེས་ལ་ཕེབས་དང་།
བཀྲ་ལ་ཤིས་བ་ཤོག།
༣༽གངས་ལྗོངས་ནུབ་ཀྱི་རི་ལ་བསངས་ཤིང་སྤ་མའི་ཡོམ་ཡོམ།
བཀྲ་ལ་ཤིས་བ་ཤོག།
༤༽ཤིང་དེ་རྩ་བ་གཅིག་ལ་ཡལ་ག་ལྔ་ལྡན་རོག་རོག།
བཀྲ་ལ་ཤིས་བ་ཤོག།
༥༽གནམ་ནས་ཆར་སིམ་བབ་ནི་ལོ་ལེགས་རྩ་བ་ཚུགས་སོང་།
བཀྲ་ལ་ཤིས་བ་ཤོག།