Рет қаралды 14,528
Namgyal Dianasty. • History of Sikkim Namg...
Panglhasol. • དཔང་ལྷ་གསོལ་གྱི་ངོ་སྤྲ...
sikkim oldest Monastery. • Sikkim oldest Monaster...
History HH Lhatsun chenpo. • རྒྱལ་བ་ལྷ་བཙུན་ཆེན་པོའ...
༡ འབྲས་ལྗོངས་དང་Sikkimཞེས་པའི་མིང་ཐོགས་ཚུལ།
ལུང་བསྟན་བཀའ་རྒྱ་མ་ལས། སྦས་པའི་ཡུལ་ཡིན་པས་སྦས་ཡུལ་ཞེས་གྲགས། འདོད་དགུའི་འབྲས་གང་ཡང་སྐྱེ་བས་འབྲས་མོ། ཡངས་ཤོང་ཆེ་བས་གཤོངས། གཏེར་སྟོན་པདྨ་གླིང་པའི་ཐང་ཡིག་ལས། འདི་ན་ལྷོ་ནུབ་དཔལ་གྱི་འབྲས་མོ་ལྗོངས། ཞེས་གསུངས།
Sikkim མཚན་ཐོགས་ཚུལ་ནི་རྒྱལ་པོ་བསྟན་སྲུང་རྣམ་རྒྱལ་གྱིས་ཕོ་བྲང་གསར་པ་ཞིག་བཞེངས་ནས་ཁོང་ལ་བཙུན་མོ་གསུམ་ཡོད་པའི་ནང་ནས་བཞོན་པ་ལ་མཚན་བཏགས་དགོས་ཚུལ་གསུངས་པས་བཙུན་མོས་་་སུ་ཁྱིམ་་་Song khim ཞེས་ཕོ་བྲང་གསར་ཞེས་བཏགས་པ་བརྟེན་ནས་ཆགས་པ་ཞིག་ཡིན།
༢ འབྲས་ལྗོངས་ཀྱི་མི་རིགས།
ཡོངས་གྲགས་སུ་ལྷོ་མོན་གཙང་གསུམ་ཞེས་ལྷོ་ Bhutia མོན་ Lepcha གཙང་ནི་ Limbu ཡིན།
Bhutia ནི་དུས་རབས་༡༣ ནང་བོད་ནས་ཁམས་མི་ཉག་རྒྱལ་སྲས་གྱད་འབུམ་བསགས་དང་ལྷན་དུ་ཡུལ་མི་སྟོང་ཕྲག་ལྷག་དབུས་གཙང་བརྒྱུད་འབྲས་མོ་ལྗོངས་སུ་ཕེབས་ནས་གནས་ཆགས་པ་ཞིག་ཡིན།
Lebcha ནི་གཉུག་གནས་མི་རིགས་མཚན་ཉིད་པ་དེ་ཡིན།ཁ་ཅིག་གིས་བོད་དང་སོག་པོ་དང་བལ་ཡུལ་སོགས་བརྒྱུད་པར་བཤད་ཀྱང་ལེབ་ཅ་ཚོ་ཡིས་འབྲས་ལྗོངས་རང་ན་ཆགས་པར་འདོད།
Limbu ནི་གཉུག་གནས་མི་རིགས་ཨང་གཉིས་པ་ཡིན།
༣ གནས་སྒོ་ཐོག་མར་འབྱེད་མཁན།
སྤྱི་ལོ་༡༣༧༣ ལོར་རིག་འཛིན་རྒོད་ལྡེམ་ཅན་དང་། སྤྱི་ལོ་༡༥༦༨ ལོར་དེའི་ཡང་སྲིད་མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེ་གཉིས་ཕེབས་ནས་གནས་སྒོ་འབྱེད་ཀྱང་ཡོངས་རྫོགས་འབྱེད་ཐུབ་མེད། གནས་སྒོ་ཡོངས་རྫོགས་འབྱེད་མཁན་ནི། རཏྣ་གླིང་པའི་གཏེར་བྱང་ལས། ང་ཡི་སྤྲུལ་པ་རྣལ་འབྱོར་མཆེད་བཞི་ཡིས༔ ཞེས་དང་གཏེར་སྟོན་སངས་རྒྱས་གླིང་པའི་ལུང་བསྟན་བཀའ་བརྒྱ་ལས། མ་འོངས་པའི་ཚེ་སྙིགས་མ་ལྔ་བདོ་བའི་ཚེ༔ ངའི་སྤྲུལ་པ་རྣལ་འབྱོར་མཆེད་བཞི་འབྱུང་ཞིང་༔ ཞེས་ལུང་བསྟན་བཞིན་རྣལ་འབྱོར་མཆེད་བཞི་ལས་ཐོག་མར་ཀཿ ཐོགས་ཀུན་ཏུ་བཟང་པོ་ནུབ་སྒོ་བརྒྱུད་ནས་ཡུག་སམ་དུ་ཞབས་ཀྱིས་བཅགས། དེ་ནས་སྤྱི་ལོ་༡༦༤༢ ལོར་མངའ་བདག་སེམས་དཔའ་ཆེན་པོ་ལྷོ་རྡོ་རྗེ་གླིང་Darjeeling བརྒྱུད་ནས་དང་དེ་ནས་སྤྱི་ལོ་༡༦༤༦ ལོར་ལྷ་བཙུན་ནམ་མཁའ་འཇིགས་མེད་བྱང་སྒོ་བརྒྱུད་ནས་ཕེབས། བླ་མ་རྣམ་པ་གསུམ་གྱི་དབུ་བཞུགས་ཐོགས་གསེར་ཁྲིར་མངའ་གསོལ་བའི་ཆོས་རྒྱལ་ཕུན་ཚོགས་རྣམ་རྒྱལ་བཅས་རྣལ་འབྱོར་མཆེད་བཞི་ཁོ་ནའི་བཀའ་དྲིན་ལ་རྟེན་ནས་འབྲས་ལྗོངས་སུ་མདོ་སྔགས་ཀྱི་བསྟན་པའི་གཞི་བརྟན་ལེགས་པར་བཙུགས་པའོ།།
༤ ཆོས་རྒྱལ་ཐོག་མར་ཇི་ལྟར་འབྱུང་ཚུལ།
འབྲས་ལྗོངས་ཀྱི་ཆོས་རྒྱལ་ཐོག་མ་ཕུན་ཚོགས་རྣམ་རྒྱལ་ཡིན་པས་དེའི་རྒྱུད་པ་ལ་བཤད་ཚུལ་རྣམ་པ་གཉིས་ཏེ། གཅིག་ནི་བོད་ཀྱི་ཆོས་རྒྱལ་ལས་བརྒྱུད་པ་སྟེ། རཏྣ་གླིང་པའི་གཏེར་བྱང་ལས། གནས་དེར་ཁྲི་སྲོང་ལྡེའུ་བཙན་གདུང་བརྒྱུད་ཞིག༔ རྒྱལ་སར་བསྐོས་ན་ཅུང་ཟད་བདེ་བར་གནས༔ ཞེས་དང་། གཉིས་པ་ནི་རྒྱ་གར་རྒྱལ་པོ་ཨིནྜ་བོ་དྷི་ཆུང་བ་དེའི་རྒྱལ་རྒྱུད་ཁམས་མི་ཉག་ནས་འབྲས་ལྗོངས་སུ་རྒྱུད་པར་སུམ་པ་མཁན་པོའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ནང་གསལ་བ་སྟེ་བཤད་སྲོལ་གཉིས་ཡོད། གང་ལྟར་མི་ཉག་རྒྱལ་ཐོག་ཉེར་ལྔ་པ་གྱད་འབུམ་བསགས་དེ་ཉིད་ལུང་བསྟན་དུས་སུ་སྨིན་པར་དགོངས་ནས་རང་ཡུལ་དོར་ནས་ཡུལ་མི་སྟོང་ཕྲག་ལྷག་དང་མཉམ་དུ་དབུས་གཙང་བརྒྱུད་ནས་འབྲས་ལྗོངས་སུ་ཕེབས། དེའི་སྲས་གསུམ་ལས་སྲས་ཐ་ཆུང་མི་དཔོན་རབ་ཀྱི་སྲས་ཆུང་ཤོས་གུ་རུ་བཀྲ་ཤིས་དང་། དེ་ལ་སྲས་གསུམ་ལས་ཐ་ཆུང་གུ་རུ་བསྟན་འཛིན་ལས་འབྲས་ལྗོངས་ཀྱི་ཆོས་རྒྱལ་ཐོག་མ་ཕུན་ཚོགས་རྣམ་རྒྱལ་ ༡༦༠༤ སྒང་ཏོག་དུ་སྐུ་འཁྲུངས། སྤྱི་ལོ་༡༦༤༢ ལོར་མངའ་བདག་སེམས་དཔའ་ཆེན་པོས་རྟོགས་ལྡན་སྐལ་བཟང་དོན་གྲུབ་དང་པ་སངས་མིང་ཅན་གཉིས་ལ་ཆེད་དུ་མངགས་ནས། སློབ་དཔོན་རིན་པོ་ཆེའི་ལུང་བསྟན་གཞིར་བཟུང་དང་རྟགས་དང་མཚན་མ་བརྟགས་པའི་སྒོ་ནས་སྲས་ཕུན་ཚོགས་སྒང་ཏོག་ནས་ཡུག་བསམ་ནོར་བུ་སྒང་དུ་གདན་དྲངས་ནས་གསེར་ཁྲིར་མངའ་གསོལ་ན་ཡང་། རྣལ་འབྱོར་མཆེད་བཞི་ཞལ་འཛོམས་ཐོགས་ནས་སྤྱི་ལོ་༡༦༤༦ ལོར་འབྲས་ལྗོངས་ཀྱི་རྒྱལ་པོ་ཐོག་མར་མངའ་གསོལ་པ་ཡིན་ནོ།།
༥ གནས་འདིར་ཆོས་བརྒྱུད་ཇི་ལྟར་དར་ཚུལ།
སྦས་ཡུལ་འབྲས་མོ་ལྗོངས་འདིར་ཆོས་བརྒྱུད་གཙོ་བོ་ནི་རྙིང་མ་དང་བཀའ་བརྒྱུད་ཡིན། རྙིང་དགོན་ཐོག་མ་ནི་སངས་སྔགས་ཆོས་གླིང་དགོན་པ་ཡིན། དེ་ཆོས་རྒྱལ་ཐོག་མ་དང་རྒྱལ་བ་ལྷ་བཙུན་རྣམ་གཉིས་ཀྱིས་བཞེངས། སྙིང་མས་ཉམས་བཞེས་བྱེད་ཡ་གཙོ་བོ་ནི་རྒྱལ་བ་ལྷ་བཙུན་གྱི་གཏེར་ཆོས་རིག་འཛིན་སྲོག་སྒྲུབ་དང་བྱང་གཏེར་གཉིས་ཡིན། བཀའ་བརྒྱུད་པའི་དགོན་པ་ཐོག་མ་ནི་སྤྱི་ལོ་༡༧༣༠ ལ་ཆོས་རྒྱལ་བཞི་པ་སྐབས་ར་ལང་དགོན་པ་བཞེངས། དེ་རྗེས་རུམ་སྟེགས་དང་ཕོ་གདོང་དགོན་པ་ཡང་བཞེངས། གནའ་ནས་ད་བར་བཀའ་རྙིང་གཉིས་ལས་གཞན་དེ་ཙམ་དར་ཁྱབ་བྱུང་མེད། ད་ལྟ་ས་དགེ་གཉིས་ཀྱི་དགོན་པ་གཅིག་རེ་ཙམ་ལས་མེད།
འབྲས་ལྗོངས་ལ་དགོན་པ་མང་པོ་ཡོད་པའི་ནང་ནས། བྲག་དཀར་བཀྲ་ཤིས་སྡིངས་དགོན་པ་དང་། དོ་ལུང་དགོན་པ་གཉིས་རྩ་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད། གསང་ཆེན་པདྨ་ཡང་རྩེ་དགོན་ནི་སྙན་གྲགས་ཆེ་ཤོས་ཡིན། དགོན་པ་ཚང་མ་ནང་ནས་རྙིང་ཤོས་ནི་གསང་སྔགས་ཆོས་གླིང་དགོན་ཡིན། འགའ་ཞིག་གིས་སྒྲུབ་སྡེ་དགོན་ཡིན་པར་འདོད།