༼ ཤོམ། ༽ བོད་ཀྱི་ཤོམ་པ་ཆོས་གླིང་། Modeling by Choe Ling

  Рет қаралды 340

Lonesome Shephard

10 күн бұрын

#lonesomeshephard #newtibetansong #tibetan #tibetannewsong #tibetanmusic #tibetanmodel #amdosong #བོད་ཀྱི་ཤོམ་པ་གླིང་ཆོས
པགས་རྩག་དྲོན་པོ་ཨ་འཇམ་ཚ་རུ་གཉིས།
དགུན་གསུམ་གྲང་ངར་ཁྲོད་གྱི་ཤོམ་ལྭ་ཡིན།
ཤེས་རྒྱ་འཛོམས་པོ་མཁྱེན་དཔྱོད་ཡངས་པོ་གཉིས།
འཇིག་རྟེན་མི་ཡུལ་འགྲིམ་པའི་ཤོམ་ལྭ་ཡིན།
ཨོ་ཤོམ་བྱས་ཡོད།
ཕྱི་ཤོམ་ནང་ཤོམ་བྱས་ཡོད།
ཤོམ་ཆེན་ལྷང་ལ་བུད་ཡོད།
ཆུ་ཕྲུག་མཐེབ་བརྒྱ་བལ་དཀར་ཕྱང་ལྭ་གཉིས།
དབྱང་གསུམ་ཆར་ཆུའི་ཁྲོད་ཀྱི་ཤོམ་ལྭ་ཡིན།
ཡིད་གཞུང་དྲང་མོ་ལྷག་བསམ་གཀར་པོ་གཉིས།
མི་ཆོས་བདེན་པ་སྲུང་བའི་ཤོམ་ལྭ་ཡིན།
ཨོ་ཤོམ་བྱས་ཡོད་་་་ཕྱི་ཤོམ་ནང་ཤོམ་བྱས་ཡོད།
ཤོམ་ཆེན་ལྷང་ལ་བུད་ཡོད།
གོས་ཆེན་གོས་ལྭ་ཚེ་རིང་ཞྭ་མོ་གཉིས།
ཁྲོམ་ཆེན་སྟོང་འདུས་ཁྲོད་ཀྱི་ཤོམ་ལྭ་ཡིན།
ངང་རྒྱུད་ལྷོད་པོ་ཁཚིག་འཇམ་པོ་གཉིས།
མི་བརྒྱ་གྲོགས་ལ་འགུག་པའི་ཤོམ་ལྭ་ཡིན།
ཨོ་ཤོམ་བྱས་ཡོད་་་་ཕྱི་ཤོམ་ནང་ཤོམ་བྱས་ཡོད།
ཤོམ་ཆེན་ལྷང་ལ་བུད་ཡོད།
སྣམ་བུའི་རས་ལྭ་སག་ལྷམ་བདེ་མོ་གཉིས།
དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཤོམ་ལྭ་ཡིན།
བློ་རྩ་བརྟན་པ་ཕུགས་འདུན་རིང་མོ་གཉིས།
མི་ཚེའི་རིན་ཐང་འཚོལ་བའི་ཤོམ་ལྭ་ཡིན།
ཨོ་ཤོམ་བྱས་ཡོད་་་་ཕྱི་ཤོམ་ནང་ཤོམ་བྱས་ཡོད།
ཤོམ་ཆེན་ལྷང་ལ་བུད་ཡོད།

Пікірлер
Kluster Duo #настольныеигры #boardgames #игры #games #настолки #настольные_игры
00:47
Life hack 😂 Watermelon magic box! #shorts by Leisi Crazy
00:17
Leisi Crazy
Рет қаралды 76 МЛН
РОДИТЕЛИ НА ШКОЛЬНОМ ПРАЗДНИКЕ
01:00
SIDELNIKOVVV
Рет қаралды 3,5 МЛН
Inside Out 2: ENVY & DISGUST STOLE JOY's DRINKS!!
00:32
AnythingAlexia
Рет қаралды 17 МЛН
Kluster Duo #настольныеигры #boardgames #игры #games #настолки #настольные_игры
00:47