Рет қаралды 4,771
༈ མཚུར་སྒར་བླ་བྲང་ནས་བཀའ་བཟང་ཇི་ཕེབས་ལྟར། ༧དཔལ་ལྡན་སངས་རྒྱས་མཉན་པའི་བཀའ་སློབ་ལམ་སྟོན་འོག །རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་དགུང་སྐེག་གི་མཚན་ངན་རྨེག་མེད་རང་སར་ཞི་ཞིང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྱུང་དུ། ཕྱི་ཟླ་༡༡ ཚེས་༣༠ ནས་དབུ་འཛུགས་ཀྱིས་ཞག་གསུམ་གྱི་རིང་བལ་ཡུལ་བན་ཆེན་མ་དགོན་དུ། གནམ་ཆོས་ཞི་བ་དཀར་བླུགས་ཀྱི་ཆོ་གའི་སྒོ་ནས་སྦྱིན་སྲེག་ཕུལ་བའི་མཐའ་མའི་ཉིན། ༧རྒྱལ་དབང་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མར་བསྐོར་བར་གསོལ་བ་ཕུར་ཚུགས་སུ་འདེབས་ཀྱིན་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་ཉེ་དྲུང་དུ་སྲིད་ན་རིང་བའི་ལྷ་རྫས་ཀྱིས་སྣེ་དྲངས་ཏེ་མཎྜལ་འདེགས་འབུལ་ཞུས་པའི་བརྙན་ཐུང་འདི་ཉིད་དད་ལྡན་ཡོངས་ཀྱིས་དགྱེས་གཟིགས་ཡོང་བར་ཞུ།
In accordance with the recent notification from Tsurphu Labrang and in consultation with His Eminence Drubwang Sangye Nyenpa Rinpoche, the monks of Benchen Monastery had successfully completed the offering of a three-day “Pacifying Fire Ritual” from the Treasure Cycle of Namchö Mingyur Dorje. This is the most important priority for Benchen in our joyous effort to contribute to the pacification of all the obstacles and fulfillment of all the aspirations of His Holiness the 17th Gyalwang Karmapa. The fire ritual that took place from November 30-December 2 concluded with a mandala offering in front of the enthroned portrait of His Holiness with the prayer that His Holiness may remain among us for hundreds of aeons and continue to turn the wheel of Dharma.
2nd Dec.2020