Рет қаралды 3,256
◆ དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་གཏན་འཁེལ་བ།
◆ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
◆ ཉེ་ཆར་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་བ་ཁུལ་ནས་བོད་མི་སྐྱ་སེར་བཞི་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་པ།
◆ སྦེལ་ཀོབ་སཾ་བྷོ་ཊའི་སློབ་མ་ཁག་ཅིག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་བ།
◆ སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཧི་མ་ཅལ་མངའ་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་རྒྱ་གར་གྱི་དི་ཝ་ལི་(Diwali)དུས་ཆེན་ལ་འཚམས་འདྲི་ཞུས་པ།