Рет қаралды 65,788
On the auspicious occasion of the 87th birthday of His Holiness the 14th Dalai Lama, the Tibetan Institute Of Performing arts offers a birthday song titled “Kadin denlu”. May you live eons of years!
བཀའ་དྲིན་དྲན་གླུ།
གངས་ལྗོངས་འགྲོ་བའི་ལྷ་སྐལ། །
འཇིག་རྟེན་ཞི་བདེའི་དེད་དཔོན། །
༸རྒྱལ་བསྟན་ཡོངས་ཀྱི་མངའ་བདག། །
༸གོང་ས་བསྟན་འཛིན་རྒྱ་མཚོ། །
བྱིན་རླབས་སྩོལ་བའི་བླ་མ། །
ལུགས་གཉིས་སྟོན་པའི་སློབ་དཔོན། །
འདུན་ལམ་སྦྱིན་པའི་ཕ་མ། །
བྱམས་བརྩེས་སྐྱོང་བའི་མཆེད་གྲོགས། །
ཁྱེད་ཀྱི་ཐུགས་རྗེ་ཁོ་ནས། །
ཁམས་གསུམ་འགྲོ་བ་སྤྱི་དང། །
ཡང་སྒོས་ན་གཞོན་མི་རབས། །
རེ་བའི་གཏད་སོ་རྙེད་སོང། །
༸སྐྱབས་མགོན་ཕྱག་པདྨོའི། །
སྐུ་ཡི་འཁྲུངས་སྐར་ཉིན་མོར། །
དགའ་དད་སྤྲོ་གསུམ་ངང་ནས། །
བསྟོད་པའི་གླུ་དབྱངས་འབུལ་ལོ། །
ཐུག་མིན་བོད་ཀྱི་རིག་གཞུང། །
གླུ་གཞས་བྲོ་ཡི་ང་རོ། །
འབུད་རྡུང་དཀྲོལ་བའི་རོལ་མོ། །
ཉམས་དགུའི་གར་གྱི་གོམ་སྟབས། །
ཡུལ་གྱི་གོམས་པའི་གནའ་སྲོལ། །
ཐམས་ཅད་ཉམས་པ་མེད་པར། །
འཛིན་སྐྱོང་སྤེལ་བའི་བྱ་བ། །
ཁྱེད་ཀྱི་དྲིན་ལས་གྲུབ་སོང། །
དེ་འདྲའི་བཀའ་དྲིན་ཕུང་པོ། །
གཞལ་བའི་ནུས་པ་དམན་ཡང། །
འཀའ་བཞིན་སྒྲུབ་པའི་མཆོད་པས། །
མཉེས་པའི་དམ་བཅའ་ཞུ་འོ། །
༸སྐྱབས་མགོན་ཕྱག་པདྨོའི། །
སྐུ་ཡི་འཁྲུངས་སྐར་ཉིན་མོར། །
དགའ་དད་སྤྲོ་གསུམ་ངང་ནས། །
བསྟོད་པའི་གླུ་དབྱངས་འབུལ་ལོ། །
TIPA Facebook page: / tipa.dharams. .
TIPA website:
TIPA Instagram: / cfoxsdfaydv
Tibetan Institute of Performing Arts (TIPA)