རྗེ་བཙུན་མི་ལ་རས་པ་དང་ཕ་དམ་པ་སངས་རྒྱས། Two Great Yogi Of all Time.

  Рет қаралды 12,286

Dawa Dhondup Samdopa

Dawa Dhondup Samdopa

2 ай бұрын

བློ་བདེ་ཐག་ཆོད་དྲུག་གི་མགུར་བཞུགས་སོ།།
མཁའ་འགྲོ་ཤུགས་ཀྱིས་འདུ་བའི་དབེན་གནས་སུ། གང་བདེ་གཅིག་པུར་ཆོས་ལ་བསམ་མནོ་བཏང་། དཔའ་བོ་བདག་རྩད་ཆོད་ལ་ཕྱག་འཚལ་ལོ། སེམས་སྐྱེ་་མེད་ཀྱི་ངང་ལ་འཆི་མེད་འཕྱོ། སྐྱེ་འཆིའི་མཚན་མ་རང་སར་གྲོལ། ལྟ་བའི་ཐག་ཆོད་བློ་རེ་བདེ། བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། སྒོམ་སྒོམ་མེད་ཀྱི་ངང་ནས་ཡེངས་མེད་འཕྱོ། མཉམ་རྗེས་ཀྱི་མཚན་མ་རང་སར་གྲོལ། སྒོམ་པའི་ཐག་ཆོད་བློ་རེ་བདེ། བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། སྤྱོད་པ་ཤུགས་འབྱུང་གི་ངང་ནས་འགག་མེད་འཕྱོ། ཚུལ་འཆོས་ཀྱི་མཚན་མ་རང་སར་གྲོལ། སྤྱོད་པའི་་ཐག་ཆོད་བློ་རེ་བདེ། བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། དབང་བསྐུར་མེད་ཀྱི་ངང་ནས་ཐོབ་མེད་འཕྱོ། ལྷ་སྐུ་ཡི་མཚན་མ་རང་སར་གྲོལ། དབང་བསྐུར་གྱི་ཐག་ཆོད་བློ་རེ་བདེ། བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། དམ་ཚིག་སྲུང་མེད་ཀྱི་ངང་ནས་ནམས་མེད་འཕྱོ། སྲུང་སྡོམ་གྱི་མཚན་མ་རང་སར་གྲོལ། དམ་ཚིག་གི་ཐག་ཆོད་བློ་རེ་བདེ། བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད། འབྲས་བུ་རེ་མེད་ཀྱི་ངང་ནས་དོགས་མེད་འཕྱོ། རེ་དོགས་ཀྱི་མཚན་མ་རང་སར་གྲོལ། འབྲས་བུའི་ཐག་ཆོད་བློ་རེ་བདེ། བདེ་བདེ་འདྲ་ན་དམ་པ་རང་ཡང་མཛོད།
ཕ་དམ་པས་གསུང་པའི་ཞི་བྱེད་ནི།
དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། གདོན་གནོད་སྦྱིན་ཕོ་མོ་འདུལ་ཙ་ན། བརྟུལ་ཞུགས་འཕྲུལ་འཁོར་འཆའ་བ་ཡིན། ལུས་ལ་ན་ཚ་བྱུང་ཙ་ན། དབྱིངས་རིག་གཅིག་ཏུ་བསྲེ་བ་ཡིན། རྣམ་རྟོག་ཕྲ་མོ་སྐྱེས་ཙ་ན། ཉོན་མོངས་ལ་འབུར་འཇོམས་གཏོང་བ་ཡིན། གཅིག་པུར་ལྐོག་ཏུ་ཉལ་ཙ་ན། རིག་པ་རྗེན་པར་འཇོག་པ་ཡིན། མང་པོའི་གསེབ་ཏུ་སྡོད་ཙ་ན། གང་ཤར་ངོ་ལ་བལྟ་བ་ཡིན། བྱིང་ན་ཕཊ་ཀྱིས་སེང་བ་ཡིན། འཕྲོ་ན་རྩ་བ་གཅོད་པ་ཡིན། རྒོད་ན་དབྱིངས་སུ་འཇོག་པ་ཡིན། ཤེས་པ་ཡུལ་ཕྱིར་འབྲང་ཙ་ན། འདི་ཉིད་དོན་ལ་བལྟ་བ་ཡིན། དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། དུས་གསུམ་རྒྱལ་བའི་དགོངས་པ་ལགས། རྡོ་རྗེ་འཆང་གི་གསང་ཚིག་ཡིན། མཁའ་འགྲོ་སྡེ་བཞིའི་སྲོག་སྙིང་ཡིན། རྒྱུད་སྡེ་བཞི་ཡི་གདམས་ངག་ཡིན། སྙན་རྒྱུད་གནད་ཀྱི་མན་ངག་ཡིན། མན་ངག་ཐབས་ཀྱི་སྡེ་མིག་ཡིན། དམ་ཆོས་སྡུག་བསྔལ་ཞི་བྱེད་ལགས།
ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར། • ཕ་དམ་པ་སངས་རྒྱས་ཀྱི་རྣ...
#Milarepa #BuddhistYogi #Drupthop #Naljorpa #Buddha #BuddhistHistory #gururinpoche

Пікірлер: 36
@abishak4410
@abishak4410 Ай бұрын
བཀྲིས་བདེ་ལེགས། བར་ཆད་ལམ་སེལ་དང་བསམ་པ་ལྷུན་གྲུབ་ཀྱི་འགྲེལ་བའི་ཕྱག་དེབ་འདྲ་ཡོད་རེད་དམ། གལ་སྲིད་ཡོད་ན་ངོ་སྤྲོད་གཅིག་གནང་རོགས་སྐུ་མཁྱེན་་་
@PS-xf2bj
@PS-xf2bj 2 ай бұрын
❤❤❤❤
@ngawangyangdon7140
@ngawangyangdon7140 Ай бұрын
འོ་ལགས་སོ་མི་རྫུན་པས་ན་བདེན་པར་ཤེས་པ་བྱའོ ཡིན་ཀྱང་་།ན་རོ་ཆོས་དྲུག་ལྟ་སྒོམ་མཉམ་པར་ཡིན་།།་བསྟན་གཅིག་སྟོན་པ་གཅིག་གིས་གདམས་ངག་་ཐུགས་ཡིད་གཅིག་ཏུ་འདྲེས་པའི་བླ་མ་མཁྱེན་་ནོ།།
@dawayolmo2017
@dawayolmo2017 2 ай бұрын
Please can we have subtitles in english as well such precious teachings needs to be given to all
@lobsanggyaltsen9661
@lobsanggyaltsen9661 2 ай бұрын
ངོ་མ་སྙན།
@kalwang143
@kalwang143 2 ай бұрын
དཔེ་ཡག་པོ་འདུག་
@mustanghimalayanbenelli1353
@mustanghimalayanbenelli1353 2 ай бұрын
Gompo lodup gyi script from heaven in Thamel bikramsgila
@kungabhutia5657
@kungabhutia5657 2 ай бұрын
Good
@sonamchondol
@sonamchondol 2 ай бұрын
👍 chaktsal gen la🎉
@karmatsering4974
@karmatsering4974 2 ай бұрын
🙏🙏🙏
@tashitsering8002
@tashitsering8002 2 ай бұрын
@bhuchung777
@bhuchung777 2 ай бұрын
བཀའ་དྲིན་ཆེ།
@jrakshay900
@jrakshay900 2 ай бұрын
😮😮😮
@tenzingchoedon1609
@tenzingchoedon1609 2 ай бұрын
བཀྲིན་ཆེ་😂
@user-kf9ro5ww9c
@user-kf9ro5ww9c 2 ай бұрын
🙏🌹🙏♥️🙏🌹🙏
@Monklife717
@Monklife717 2 ай бұрын
❤❤🎉🎉🎉🎉
@karmatsering6492
@karmatsering6492 2 ай бұрын
🌻🌻🌻🌻
@paldenngodup8238
@paldenngodup8238 2 ай бұрын
ཁྱེད་བཀའ་དྲིན་བླ་མེད་དུ་ཆེ། ད་ལྟའི་དུས་ངན་སྙིགས་དུས་འདིར། ང་ཅག་་ཀུན་ལ་དགོས་ངེས་ཀྱི། ཟབ་ཆོས་བདུད་རྩི་རང་རེད་བཞག
@nimisherpa974
@nimisherpa974 2 ай бұрын
🙏🙏🙏🌹🌾🌷
@user-rc6sj1xo2i
@user-rc6sj1xo2i 2 ай бұрын
🙏🙏🙏❤️❤️👍👍👍😁😁👍👍
@dolmashadoe6878
@dolmashadoe6878 2 ай бұрын
Thanks a lot 🙏🙏🙏
@anuragtamang7084
@anuragtamang7084 2 ай бұрын
Genla narangi rekul syu syagpa di segi mendug la ganla rangiki jambala gi namthar dordui chig syu chogpa je labne rewa mondon gyabyinba
@dawadanpak6788
@dawadanpak6788 2 ай бұрын
Thanks 🎉🎉🎉
@dolmatsering893
@dolmatsering893 2 ай бұрын
😔🙏🙏🙏🙏
@Subscribe56761
@Subscribe56761 2 ай бұрын
ཕ་དམ་པ་སངས་རྒྱས་ཞི་བྱེད་ཀྱི་ལྟ་བ་ཐོག་མར་སྲོལ་གཏོད་མཁན་ཞིག་རེད་བོད་ལ་ལན་གྲངས་ཚར་ཁ་ཤས་ཕེབས་པ་བདེན་མོད་འོན་ཀྱང་ཁྱོད་ཀྱིས་རྗེ་མི་ལ་རས་པ་དང་འདྲེས་ནས་གསུང་པའི་ལོ་རྒྱུས་འདི་ངག་རྒྱུན་ཙམ་རེད་པས་ཡང་ན་མཁས་པའི་དབང་པོའི་མཛད་པའི་བསྟན་བཅོས་ཁག་ལ་ཡོད་???
@DawadhondupS
@DawadhondupS 2 ай бұрын
ཕ་དམ་པའི་རྣམ་ཐར་དངོས་གྲུབ་འོད་སྟོང་འབར་བའི་ཉི་མ་ནང་་་་གཟིགས་རོགས།
@tulkupema-on9gj
@tulkupema-on9gj 2 ай бұрын
ཨིན་སྐད་ཐོག་ Subtitles ཡོད་ན་མི་མང་པོ་ལ་འཕན་ས་རེད་རྒན་ལགས།🙏🏻✨
@DawadhondupS
@DawadhondupS 2 ай бұрын
དེ་་་་དུས་ཚོད་མང་པོ་འགོར་བ་དང་་་་་དཀའ་ལས་བཀྲ་མོ་རེད་འདུག འོན་ཀྱང་ཁོམ་ཚེ་་་བསྒྲུབ་ཆོག
@RockciiBarbosa
@RockciiBarbosa 2 ай бұрын
Can anyone give the name of the indain mahasiddhi in Indian…
@peacelover.9881
@peacelover.9881 2 ай бұрын
What do you mean Mahasidhi in Indian?
@tams6009
@tams6009 17 күн бұрын
🙏🪷🙏🪷🙏🪷🙏
@user-pv2mi3yb6v
@user-pv2mi3yb6v 2 ай бұрын
Wat about thangthong gyalpo🙏
@DawadhondupS
@DawadhondupS 2 ай бұрын
Later....if.
@tashitundup182
@tashitundup182 2 ай бұрын
🙏🙏🙏
@dikeelama6056
@dikeelama6056 2 ай бұрын
🙏🙏🙏
@donaknima6906
@donaknima6906 2 ай бұрын
🙏🙏🙏
تجربة أغرب توصيلة شحن ضد القطع تماما
00:56
صدام العزي
Рет қаралды 56 МЛН
Best father #shorts by Secret Vlog
00:18
Secret Vlog
Рет қаралды 22 МЛН
HOW DID HE WIN? 😱
00:33
Topper Guild
Рет қаралды 48 МЛН
Became invisible for one day!  #funny #wednesday #memes
00:25
Watch Me
Рет қаралды 59 МЛН
تجربة أغرب توصيلة شحن ضد القطع تماما
00:56
صدام العزي
Рет қаралды 56 МЛН