Рет қаралды 18,516
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ ༢༠༢༤ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཐོབ་སོང་།
རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་རྩེད་ཐང་དུ་དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཚོུད་ ༡༡།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་ཧུན་སུར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་དབུ་བཞུགས་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༩པའི་མཐའ་མའི་འགྲན་ཚོགས་ཁྲོད། མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གོ་ལ་ཐ་ལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ།སྤོ་ལོ་གསུམ་དང་གཉིས་གི་ཐོག་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།
མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གོ་ལ་ཐ་ལ་རུ་ཁགགཉིས་ནས་རྩེད་འགྲན་གྱི་དངོས་གཞིའི་དུས་ཡུན་སྐར་མ་ ༩༠ ནང་སྤོ་ལོ་གཉིས་རེ་འདྲ་མཉམ་ཆགས་རྗེས། དུས་ཡུན་འཕར་མ་སྐར་མ་ ༢༠ རྩེད་འགྲན་གནང་དགོས་བྱུང་བའི་ཁྲོད། གྷོ་འདོད་རྒུ་གླིང་རུ་ཁག་གི་རྩེད་འགྲན་པ་ཉི་མ་དོན་གྲུབ་ལགས་ནས་སྤོ་ལོ་གཅིག་བླུགས་ཐུབ་པ་བྱུང་ཡོད་སྟབས། སྤོ་ལོ་ ༣ དང་ ༢ བཅས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།
Find more from Voice Of Tibet:
Website: www.vot.org
KZbin: / voiceoftibet
Twitter: / vot_tibetan
Instagram: / voice.of.tibet
Facebook: / voiceoftibet
#VoiceOfTibet